Sunday, April 6, 2014

'A Snow Mountain Dreamland' by Lhakyi

གངས་རིའི་སྨོན་ལྗོངས།།

A Snow Mountain Dreamland

ཚིག        གཙང་རིགས་སྐལ་བཟང་རྣམ་འདྲེན།
དབྱངས།  གསང་བདག
ལེན་མཁན།           ལྷ་སྐྱིད།

Lyrics: Tsangrig Kalzang Namdren
Music: Anonymous 
Singer: Lhakyi



དགུང་སྔོན་པོའི་སྤྲིན་དཀར་འོག་ན།།
རི་མཐོ་པོའི་གངས་དཀར་འདབས་ན།།
ཆུ་གཙང་བའི་བཞུར་རྒྱུན་ཁྲོད་ན།།
ངའི་ཕ་མའི་རྣམ་ཤེས་ལྷག་ཡོད།།

Beneath the blue sky’s white clouds
At the foot of a lofty mountain’s white snow
Among flowing streams of pure water
My parent’s souls still remain

ཨོ།         ནོར་རིན་ཆེན་གཏེར་གྱི་མཛོད་ཁང་།།
ཤྭ་རི་སྐྱེས་སྟོང་གི་རྩེ་ར།།
ཆུ་དལ་འབབ་གཙང་བོའི་མགོ་ཁུངས།།
ཡུལ་སྐྱིད་པོ་གངས་རིའི་སྨོན་ལྗོངས།།
ཡུལ་སྐྱིད་པོ་གངས་རིའི་སྨོན་ལྗོངས།།

Oh! A treasure house of precious jeweled treasures
The playground for deer and thousands of mountain animals
The source of pure water leisurely descending
Is this joyous land, a snow mountain dreamland
Is this joyous land, a snow mountain dreamland

 ལྷོ་འཛམ་གླིང་མཛེས་བའི་ཞིང་ན།།
མཛེས་ཐག་ཆོད་གངས་རིའི་སྨོན་ལྗོངས།།
ལས་སྐྱིད་སྡུག་འདྲེས་མའི་ཁྱིམ་གཞི།།
ངའི་སེམས་ཀྱི་འཁོར་ས་བརྟེན་ས།།

In this beautiful southern continent of Jambuvipa
The utterly beautiful snow mountain dreamland
Home to a mix of joyous and sorrowful karma
Is where my mind returns to and relies 

ཨོ།         མཚན་རྨི་ལམ་ནང་གི་གངས་རི།།
གངས་དཀར་པོའི་འོད་མདངས་ལམ་ལམ།།
མིག་བཙུམ་རུང་སེམས་ལ་གསལ་གི།
གསལ་ཆེ་ནས་བརྗེད་ཐབས་མེད་གི།
གསལ་ཆེ་ནས་བརྗེད་ཐབས་མེད་གི།

Oh! Snow mountains in a nighttime dream
Their white snow’s dazzling radiance
Illuminates your heart and, though you close your eyes,                        
There is no way you can forget their luminosity
There is no way you can forget their luminosity

ཨོ།         མཚན་རྨི་ལམ་ནང་གི་གངས་རི།།
གངས་དཀར་པོའི་འོད་མདངས་ལམ་ལམ།།
མིག་བཙུམ་རུང་སེམས་ལ་གསལ་གི།
གསལ་ཆེ་ནས་བརྗེད་ཐངས་མེད་གི།
གསལ་ཆེ་ནས་བརྗེད་ཐངས་མེད་གི།
གསལ་ཆེ་ནས་བརྗེད་ཐངས་མེད་གི།

Oh! Snow mountains in a nighttime dream
Their white snow’s dazzling radiance
Illuminates your heart and, though you close your eyes,                        
There is no way you can forget their luminosity
There is no way you can forget their luminosity

Notes:

An epic beat coupled with beautiful makes this song a true work of art. Lhakyi is one of my favorites and I'm sure she will also be one of yours after listening to this! 

-Lobsang

No comments:

Post a Comment