Friday, July 11, 2014

A Rich & Fertile Land

ས་གཡང་ཆགས།

A Rich & Fertile Land

གཞས་ཚིག           སྨན་བླ་སྐྱབས།
གཞས་གདངས།     དམངས་ཁྲོད།


གཞས་མཁན།       མཚོ་ཡག

Lyrics: Menla Kyab
Music: Folk
Singer: Tsoyak



ཚང་མ་སྐུ་ཁམས་བཟང་། ང་ནི་ཡུལ་ཧྲུའུ་ཡི་གླུ་མ་མཚོ་ཡག་ཡིན། དགེ་རྒན་སྨན་བླ་སྐྱབས་གཙོ་བྱས་པའི་
ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།

Hello everyone! I’m Tsoyak, the singer from Yushu. This is a song by my teacher, Menla Kyab. Tashi Delek everyone …. Tashi Delek.

རྫ་ཡག་མོ་ལ་འོ་་་
ཆོས་ཁྲི་བརྩིགས་འདྲ་གདའ།
ཞང་ཡ་རེ་ལོ།
ཆོས་ཁྲི་ལ་འོ་་་
མ་བརྩིགས་རང་བྱོན་ལ་གདའ།
ཞང་ཡ་རེ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ཡར་འགྲོ་བསྐལ་བཟང་ལོ།
བསྐལ་བཟང་ཡར་འགྲོ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།

Such fine boulders … la oh …
As if they had erected a dharma throne
Zhang ya re lo!
A dharma throne … la oh …
Not erected by anyone but self-arisen
Zhang ya re lo!
This rich & fertile land is my fatherland
Increasing fortune lo...
Fortune is on the rise lo…
This rich & fertile land is my fatherland

ཆུ་ཡག་མོ་ལོ་འོ་་་
ནོར་བུ་དགའ་འཁྲིལ་ལ་གདའ།
ཞང་ཡ་རེ་ལོ།
ནོར་བུ་ལ་འོ་་་
མ་བཅོས་རང་བྱོན་ལ་གདའ།
ཞང་ཡ་རེ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ཡར་འགྲོ་བསྐལ་བཟང་ལོ།
བསྐལ་བཟང་ཡར་འགྲོ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།

Such fine water … lo oh …
A pool of joy and jewels
Zhang ya re lo!
Jewels … la oh …
Not fabricated by anyone but self-arisen
Zhang ya re lo!
This rich & fertile land is my fatherland
Increasing fortune lo…
Fortune is on the rise lo…
This rich & fertile land is my fatherland

སྦང་ཡག་མོ་ལ་འོ་་་
གོས་ལྗང་བཏིང་འདྲ་ལ་གདའ།
ཞང་ཡ་རེ་ལོ།
གོས་ལྗང་ལ་འོ་་་
མ་འཐག་རང་བྱོན་ལ་དགའ།
ཞང་ཡ་རེ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ཡར་འགྲོ་བསྐལ་བཟང་ལོ།
བསྐལ་བཟང་ཡར་འགྲོ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ཡར་འགྲོ་བསྐལ་བཟང་ལོ།
བསྐལ་བཟང་ཡར་འགྲོ་ལོ།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།
ས་གཡང་ཆགས་འདི་ངའི་ཕ་ཡུལ་རེད།

Such fine grass … la oh …
Like green cloth spread out
Zhang ya re lo!
Green cloth … la oh …
Not woven by anyone but self-arisen
Zhang ya re lo!
This rich & fertile land is my fatherland
Increasing fortune lo …
Fortune is on the rise lo …
This rich & fertile land is my fatherland
This rich & fertile land is my fatherland
This rich & fertile land is my fatherland


-Translated by Lobsang

No comments:

Post a Comment